2017年12月28日星期四

༗འོད་ཟེར། དོན་གྱིས་རིག་གནས་གསར་བརྗེ་ད་དུང་མཇུག་སྒྲིལ་མེད་དེ། བཅར་འདྲི་ཞིག་ལས་བོད་དུ་ལུས་པའི་རིག་གསར་ལ་བསྐྱར་དུ་བསམ་གཞིག

དོན་གྱིས་རིག་གནས་གསར་བརྗེ་ད་དུང་མཇུག་སྒྲིལ་མེད་དེ། བཅར་འདྲི་ཞིག་ལས་བོད་དུ་ལུས་པའི་རིག་གསར་ལ་བསྐྱར་དུ་བསམ་གཞིག
རྩོམ/འོད་ཟེར།
སྒྱུར/ཆབ་རོམ།
ན་ནིང་ཟླ་བརྒྱད་པའི་ཟླ་མཇུག་ཏུ། ནེའུ་ཡོག་དུས་བབ་གསར་འགྱུར་རྒྱ་ཡིག་དཔར་མའི་དྲ་ཚིགས་སུ་ཁོ་མོར་བཅར་འདྲི་བགྱིས་པའི་རྩོམ་ཡིག་དེ་སྤེལ་བྱུང་ལ། ཁག་གསུམ་དུ་ཕྱེས་ནས་བརྒྱུད་བསྐུར་བྱས་པ་སྟེ། «པར་མིག་ནང་གི་བོད་ཀྱི་རིག་གསརདང་པོ ཡབ་ཀྱི་པར་ཤུལ་བསྙེགས་པ།» «པར་མིག་ནང་གི་བོད་ཀྱི་རིག་གསར། གཉིས་པ། དམར་སྲུང་དམག་དང་སྐྱེས་མའི་སྤྲུལ་སྐུ།»  «པར་མིག་ནང་གི་བོད་ཀྱི་རིག་གསར། གསུམ། ཤུལ་བཞག་གི་འཇིགས་སྐྲག་དང་ཁྲེལ་གཞུང་»  ཟླ་གཅིག་འགོར་རྗེས་འདི་གའི་དྲ་ཚིགས་ཀྱིས་རྒྱ་ཡིག་དཔར་མ་དང་དབྱིན་ཡིག་དཔར་མ་གཉི་གའི་གར་བཟོ་དཔར་མ་The Cultural Revolution in Tibet: A Photographic Recordངའི་ཡབ་ཆེན་གྱིས་སྐབས་དེར་བསྐྱོན་པའི་རིག་གསར་གྱི་འདྲ་པར་འབོར་ཆེན་བཀྲམས་འདུག མ་ཟད། པར་འདི་དག་བསྐྱོན་མཁན་གྱི་ངའི་ཕ་ལ་མཚོན་ན། ཁོང་ཐོག་དང་པོར་བཅིངས་འགྲོལ་དམག་མི་ཞིག་གི་ཚུལ་གྱིས་སྨྱན་གཟིགས་ཁྲོད་དུ་མངོན།

བཅར་འདྲི་ལ་དོན་སྙིང་གལ་ཆེན་མཆིས་སྟེ། ཀློག་པ་པོ་ཞིག་གིས་དྲ་ངོས་སུ་མཆན་བཏབས་པ་འདི་ལྟ་སྟེ། ངའི་ཡབ་ཀྱིས་བསྐྱོན་པའི་འདྲ་པར་གྱི་དཔང་བོ་དང་ངོས་ཀྱི་ཡིག་འབྲུ་གཉིས་ཀྱིས། མོའུ་ཙེ་ཏུང་གིས་རིག་གསར་བསླངས་པ་འདིས་བོད་དུ་ཁྱེར་ཐོན་པའི་རྨས་སྐྱོན་གྱི་ལྗིད་ཚད་ལ་ངོས་ཟིན་ཐོབ་པ་ཚོར་བྱུང་། རིག་གསར་གྱི་ཞིབ་འཇུག་ཁྲོད་བོད་དང་འབྲེལ་བ་ཡོད་པའི་སྟོང་ཆ་ཞིག་ཁ་བསབ་བྱུང་ཞེས་བྲིས་འདུག བཅར་འདྲིའི་མགོར་མཚམས་སྦྱོར་བྱས་པ་ནང་བཞིན་ངའི་ཡབ་ཀྱིས་རིག་གསར་སྐབས(གཙོ་བོ་1966-1970ལོའི་དབར་གྱི་འདྲ་པར་ཁག་འདུས་ཤིང་རིག་གསར་རྗེས་ཀྱི་འདྲ་པར་ཁ་ཤས་ཀྱང་འདུས།) སུ་བསྐྱོན་པའི་འདྲ་པར་ཧ་ལམ་300ལྷག་འདུས་ལ། ངས་1999ལོ་ནས་བཟུང་། ལྷ་ས་དང་པེ་ཅིན་ལ་སོགས་པའི་ས་གནས་སུ་ཧ་ལམ་མི་70ལྷག་ལ་བཅར་འདྲི་བགྱིས་པའི་ཡིག་འབྲུ་གཏའ་མར་བཞག་ཏེ། ཕལ་ཆེར་ལོ་ངོ་དྲུག་རིང་གི་བཅར་འདྲི་དང་བརྟག་དཔྱད་ཀྱིས་བྲིས་པའི་ཡིག་འབྲུ་འབུམ་ལྷག་བརྒལ་འདུག    2006ལོར་ཐེ་ཝན་ས་ཆེན་དཔར་སྐྲུན་ཁང་台湾大出版社གིས་དེབ་གཉིས་སུ་བགོས་ནས་དཔར་དུ་བསྐྲུན་ཡོད།  གཅིག་ནི་འདྲ་པར་དང་ཡི་གེ་སྦྲགས་མའི་དེབ «གསར་བརྗེ»དང་ཅིག་ཤོས་ནི་ངག་ཐོག་གི་ «བོད་ཀྱི་དྲན་པ་» ཞེས་པའི་དེབ་གཉིས་ཡིན། དེབ་འདི་གཉིས་ནི་བོད་ཀྱི་རིག་གནས་གསར་བརྗེ་ཞིབ་འཇུག་གི་ཁ་ཚ་དགོས་གཏུགས་ཀྱི་བརྩམས་ཆོས་ཤིག་གོ་ཞེས་གདེང་འཇོག་ཀྱང་གནང་བ་རེད།  དེའི་ཁྲོད་ཀྱི་ «གསར་བརྗེ་» ནི། འདྲ་པར་འབོར་ཆེན་གྱིས་བོད་ཀྱི་ས་གནས་ཁག་ཏུ་རིག་གསར་སྐབས་སུ་ཇི་ལྟར་གོད་ཆག་ཐེབས་པའི་དེབ་ཅིག་ཡིན། (བོད་ཀྱི་ས་གནས་ཞེས་པ་འདི་ཐུ་བྷོདtibet图伯དུ་བཅའ།) 2012-2014ལོའི་ནང་དུ། ཁོ་མོས་ཡབ་ཀྱི་པར་ཆས་བཟུང་ནས། སྐབས་དེར་ཁོང་གིས་པར་བསྐྱོན་སའི་གནས་སུ་ཡང་བསྐྱར་བསྒྲེངས་ཏེ་པར་བསྐྱོན་པ་ཡིན། དེའི་འཕྲོར། འདྲ་པར་22དང་དེ་དག་གི་གསལ་བཤད་ཡི་གེ་དང་བཅས་པ་ཡིག་འབྲུ་ཆིག་ཁྲི་ལྷག་རིག་གསར་གྱི་ལོ་འཁོར་ལྔ་བཅུ་ལོན་པའི་རྗེས་དྲན་དཔར་མ «གསར་བརྗེ» རུ་བཅུགས་ཏེ། ན་ནིང་གི་ནུབ་ཟླ་ལྔ་བའི་ནང་ཐེ་ཝན་ས་ཆེན་རིག་གནས་དཔར་སྐྲུན་ཁང་གིས་འགྲེམ་སྤེལ་བྱས་སོང་།

ད་རག་བར་དུ། «གསར་བརྗེ་» རྒྱ་ཡིག་ལས་བོད་ཡིག་དཔར་མར་བསྒྱུར་ཞིང་ཉི་ཧོང་དཔར་མར་ཡང་བསྒྱུར་བསྐྲུན་བྱུང་སོང་། བོད་ཀྱི་དྲན་པ་ ཡི་ཧྥ་རན་སིའི་ཡི་གེའི་དཔར་མའང་འགྲེམ་སྤེལ་བྱུང་ཟིན།  མ་ཟད་ད་ལོར་ཨ་རི་ནས་ཀྱང་དབྱིན་ཡིག་དཔར་མ་དགྲམ་སྤེལ་འབྱུང་ལ། སྒྱུར་བ་བོས་ལོ་ངོ་བཅུའི་དུས་ཚོད་སྤྱད་དེ་སེམས་ཤུགས་ཡོད་རྒུ་བཏོན་ཏེ་ཞིབ་ཚགས་དང་གཟབ་ནན་གྱིས་ཡིག་བསྒྱུར་བགྱིས་ཤིང་། ཞུ་དག་པ་ཡང་རིག་གཞུང་ལ་ནང་ཕྱིན་ཆུབ་ཅིང་བྱང་ཚད་ཆེ་ལ་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ལ་ངོས་ཟིན་ཟབ་མོ་ཡོད་པའི་རྒྱལ་སྤྱིའི་བོད་རིག་པ་ཞིག་ཡིན། ངེད་ཅག་གིས་བགྲང་ལས་འདས་པའི་ཕར་ཚུར་གྱི་གླེང་མོལ་ཁྲོད། མ་རྩོམ་ཁྲོད་འཐུས་ཤོར་བྱུང་ཁ་ཤས་ལས་གཞན་སྟོང་ཆར་ལུས་པ་ཁག་ཅིག་ཀྱང་རྙེད་སོན་བྱུང་། མ་ཟད། འདྲ་པར་སྟེང་གི་ཞིབ་ཆའི་ངོས་ཀྱང་རྙེད་བྱུང་། དཔེར་ན། ཇོ་ཁང་གི་གསུང་ཆོས་ར་བར་བསྡུས་པའི་ ལྷ་འདྲེ་གདོན་བགེགས་ ཀྱི་འདུ་ཚོགས་ཞིག་སྟེ། པར་ངོས་ཇེ་ཆེར་བཏང་ནས་ཞིབ་ཏུ་ཐེངས་དུ་མར་བལྟས་རྗེས་དེའི་སྔོན་གཟུང་མ་ཐུབ་པའི་གནད་མང་པོ་ཞིག་མཐོང་།  ཐེམ་ཁའི་སྟེང་གི་མོའུ་ཙེ་ཏུང་གི་པར་དང་འཕྲེད་འགེལ་རས་བྱང་བཀལ། དེའི་གཡས་གཡོན་དུ་རྒྱ་ཡིག་དང་བོད་ཡིག་གིས་འཕྲེང་གཞེང་གཉིས་སུ་ “རླབས་ཆེན་གྱི་འགོ་ཁྲོད་མོའོ་ཙེ་ཏུང་ཁྲི་ལོར་ཤོག” “རླབས་ཆེན་གྱི་གུང་ཁྲན་ཏང་ཁྲི་ལོར་ཤོག” རས་བྱང་སྟེང་དུ་རྒྱ་བོད་ཀྱི་ཡིག་རིགས་ཀྱིས་ “འཐབ་རྩོད་ཆེན་མོ་” ཞེས་སྦྱར་འདུག རས་བྱང་འགྲམ་དུ་མོའོ་ཙེ་ཏུང་གི་པར་མང་དུ་བཤམས་ཤིང་། ཐེམ་ཁའི་སྟེང་དུ་ “ལྷ་འདྲེ་གདོན་བགེགས་”བྱེད་ས་ནི་སྐུ་དྲག་བློན་ཆེན་བཞི་རེད། རེ་རེར་དམར་སྲུང་དམག་གིས་དམ་པོར་གཉའ་ནས་མནན་འདུག བྱས་ཙང་འདྲ་པར་འདི་ལས་དོ་སྣང་བགྱི་འོས་ས་ཁག་གཉིས་འདུག་སྟེ། གཅིག་ནི་སྐུ་དྲག་བཞི་བོའི་སྔུན་ན་མ་མཐའ་ཡང་མི་གཉིས་ཀྱིས་བརྙན་ཕབ་ཀྱིན་འདུག གཅིག་གིས་བརྙན་ལེན་གྱིན་འདུག་ལ། ཅིག་ཤོས་ཀྱི་པར་བསྐྱོན་གྱིན་འདུག གཉིས། འདི་ནི་གནད་འགག་ཆེ་ས་ཞིག་སྟེ། འདྲ་པར་གྱི་གཡོན་སའི་ཟུར་གོང་མ་རུ་གསུང་ཆོས་ར་བ་དང་སྦྲེལ་བའི་འདུ་ཁང་གི་ཉིས་ཐོག་ཏུ། མ་མཐའ་ཡང་ཞྭ་མོ་ནབ་པའི་མི་གསུམ་ལང་འདུག(བཅིངས་འགྲོལ་དམག་གི་ཞྭ་མོ་ཡིན་པར་མི་གསལ།) ལུས་སུ་ལས་གོས་མནབས་པའི་སྐྱེས་པ་ཞིག་བསྒྲེངས་ནས་འཐབ་རྩོད་ཆེན་མོའི་ཡུལ་དངོས་ལ་ཅེར་འདུག དེའི་ཁྲོད་ཀྱི་གཅིག་གིས་རྒྱབ་ལག་བགྱིས་ནས་རྒྱ་ནག་གུང་ཁྲན་འགོ་དཔོན་གྱི་བཟོ་ལྟ་མངོན། དེ་བས། མི་འདི་གསུམ་གྱིས་འཐབ་རྩོད་ཀྱི་ཡུལ་དངོས་ལ་ཅེར་འདུག་ཟེར་བ་ལས་ཁོ་ཚོས་ཡུལ་དངོས་ལ་མཛུབ་སྟོན། ཚོད་འཛིན། ལྟ་རྟོག་ཅེས་སྨྲས་ན་ཤིན་ཏུ་འཚམས་པོ་འདུག

དེ་བས། དབྱིན་ཡིག་དཔར་མའི་ «གསར་བརྗེ་» ནི་མིག་སྔར་དཔར་གཞི་ཐམས་ཅད་ལས་ཆེས་འཐུས་ཚང་བ་དེ་ཡིན།

ཡིག་ཟམ་དང་སི་ཁདྤུSkype དྲ་རྒྱའི་ཁ་པར་སོགས་བརྒྱུད་དེ་ཁོ་མོར་བཅར་འདྲི་བྱེད་མཁན་ནི་ཀྲུང་གོ་ནས་ཨ་རིར་སློབ་གཉེར་དུ་ཕྱིན་ཅིང་གནས་དེར་གཏན་སྡོད་བྱས་པའི་རང་དབང་རྩོམ་པ་པོ་ལོའུ་ཟི་ལུན་ཡིན། མོའི་བཅར་འདྲིའི་མ་ཡིག་ལ་ཆུ་ཚད་མཐོན་པོ་ལྡན་ཞིང་། ངོས་ནས་དུས་ཚོད་མང་པོ་ཞིག་བཏང་ནས་ལན་བསྐྱོན་དགོས་འདུག གཙོ་བོ་རིག་གསར་སྐབས་སུ་བསྐྱོན་པའི་འདྲ་པར་དང་དེང་སྐབས་བསྐྱོན་པའི་འདྲ་པར་གྱི་ནང་དོན་དང་། མ་ཟད་ཕ་བུ་གཉིས་བརྒྱུད་ཅིང་གནས་བབ་མི་འདྲ་བའི་ནང་སེམས་ཀྱི་འབྲེལ་བ་སྐོར་འདུས། ལྷག་པར་དུ་བརྟག་དཔྱད་དང་བོད་ཀྱི་རིག་གསར་རྩོམ་འབྲི་མཁན་ཁོ་མོར་མཚོན་ན་སེམས་ཀྱི་འགྲུལ་བཞུད་ཁྲོད་དུ་འགྱུར་ལྡོག་ཅིག་བྱུང་བ་དང་ཕ་ལགས་དང་ངེད་ཀྱི་དབར་ན་དངོས་ཡོད་གནས་ཚུལ་ཏུ་གྱུར་བའི་འགལ་ཟླ་དང་མདུད་འཛིང་ལ་སོགས་པའང་འདུས།  དོན་དངོས་སུ་ཁོ་མོས་འཕྲད་མ་མྱོང་བའི་བཅར་འདྲི་མཁན་ལ་བཀའ་དྲིན་ཞུ་དགོས་འདུག  དྲི་བ་འདི་དག་གིས་ཡང་བསྐྱར་ཁོ་མོར་རིག་གསར་གྱི་དྲན་སྐུལ་གནང་ཞིང་འདིས་བོད་ལ་ཐེབས་པའི་གཏོར་བརླགས་རང་བཞིན། མ་ཟད། རྒྱ་ཆེ་ཞིང་ཡུན་རིང་བའི་ཤུགས་རྐྱེན་དེ་ད་རག་བར་དུ་རྒྱུན་བསྲིངས་ཡོད་པ་རྟོགས་སུ་བཅུགས། མཇུག་མཐར། ཏག་ཏག་ཁོ་མོས་འདྲ་པར་བསྐྱོན་སྐབས་སུ་ཚོར་སྣང་བྱུང་བ་ནང་བཞིན་རིག་གསར་དོན་དངོས་སུ་ད་དུང་མཇུག་སྒྲིལ་མེད་པ་མ་ཟད། དེང་སྐབས་ང་ཚོས་མཐོང་བའི་ལྷ་ས་ནི་བོད་ཀྱི་རིག་གནས་གསར་བརྗེ་ཕྱི་མའི་གཟུགས་སུ་གྲུབ་འདུག་པའང་ཡང་བསྐྱར་ངོས་ཟིན་ཟབ་མོ་ཞིག་ཐོབ།


གསལ་བཤད་བྱ་དགོས་པ་ཞིག་ལ། གཏིང་ཟབ་པའི་བཅར་འདྲི་འདིས་ཀྱང་ཁོ་མོར་མུ་མཐུད་དུ་རིག་གསར་གྱིས་བོད་ལ་བཞག་པའི་ཤུགས་རྐྱེན་ལ་བསམ་གཞིག་བྱ་བར་གོ་སྐབས་ཤིག་བསྐྲུན་སོང་།

没有评论:

发表评论